མདུན་ངོས།

དྲ་ཚིགས་འདི་བཞིན་མགྱོགས་མྱུར་སྐྱ་རེངས་བོད་ཀྱི་རྩོམ་རིག་དྲ་བ་དང་གཅིག་ཏུ་སྡོམ་ངེས་ཡིན་པས། རྗེས་ཕྱོགས་www.kyareng.org ཐོག་ཕེབས་རོགས་ཞུ།  སྐྱ་རེངས་རྩོམ་སྒྲིག་པས།

ནང་ཆོས་ངོ་སྤྲོད། 

 

ཕྱི་དང་ནང་གི་ཚན་རིག། ༡
དུས་སྐབས་དང་མཐུན་པའི་ནང་ཆོས་དང་ཚན་རིག་དཔྱད་བསྡུར་བྱེད་པའི་དགོས་པ་དང་བྱ་ཐབས།

༡ ཚན་རིག་ཀྱི་ངོ་བོ་དང་དགོས་པ།
ཚན་རིག་ནི་ྋགོང་ས་མཆོག་གིས་གསུངས་པ་བཞིན་གཙོ་བོ་གཟུགས་ཅན་དང་འཛམ་གླིང་འདིའི་ཐད་བརྟག་ཞིབ་བྱས་པའི་སློབ་ཚན་ཞིག་ཡིན། དེ་ཡང་གཟུགས་ཅན་གྱི་དངོས་པོ་མཐའ་དག་ལ་བགྲངས་རྩིས་ཀྱིས་དཔྱད་པ་བྱས་པ་ལས་བསྒྲུབ་བྱ་ཞིག་གྲུབ་པར་འཇོག་པ་ཡིན། དེ་ལྟ་བུའི་དཔྱད་པ་བྱས་སྟོབས་ཀྱིས་དངོས་པོའི་གནས་ཚོད་གང་ཞིག་ཤེས་པ་དང༌། དེས་འཛམ་གླིང་འདིའི་སྟེང་གི་མི་མང་ལ་མཁོ་བ་གང་ཞིག་བཟོ་ཐུབ་མིན་སོགས་བསམ་བློ་བཏང་བ་ཡིན་པས། ཚན་རིག་དགོས་པ་ནི་འཛམ་གླིང་འདིའི་མི་ཚོའི་འདོད་པ་བསྐང་རྒྱུ་དང༌། དཀའ་ངལ་རགས་པ་དེ་ཚོ་བསལ་ནས་སྟབས་བདེ་རུ་གཏོང་དེ་རྒྱུ་ཡིན།

༢ ནང་ཆོས་ཀྱི་ངོ་བོ་དང་དགོས་པ།
ནང་ཆོས་ནི་ཕྱིའི་གཟུགས་ཅན་གྱི་གནས་ཚོད་ལ་གཙོ་བོ་མི་དཔྱད་པར་ནང་སེམས་ཀྱི་འཛིན་སྟངས་ལ་དཔྱད་ནས། དེ་ལྟར་འཛིན་པ་ནི་ལོག་པར་ཤེས་པའམ་འཁྲུལ་བ་ཡིན། འདི་ལྟར་ཤེས་པ་ནི་ཡང་དག་པར་ཤེས་པ་ཡིན་པས་མ་འཁྲུལ་བ་ཡིན་ན། བློ་འཁྲུལ་བའི་བཟུང་བ་ལྟར་འཛིན་ཅིང་ཞེན་པ་ལས་ལས་བཟང་ངན་སྣ་ཚོགས་བསགས་པ་ལས་འབྲས་བུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་མོར་ཡང་སྐྱེ་ཡང་ཤི་སྟེ་རྒྱུན་ཆད་མེད་པར་འཁོར། བློ་མ་འཁྲུལ་བའི་བཟུང་བ་ལྟར་འཛིན་ཅིང་བསྒོམས་པ་ལས་དེ་དག་ལྡོག་ནས་ལས་ཉོན་གྱི་སྐྱེ་མཆི་བྲལ་བའི་ཐར་པ་མྱང་ངན་ལས་འདས་པ་ཐོབ་པས། དེ་ལྟར་ཐར་པ་མྱང་ངན་ལས་འདས་པ་ཐོབ་བྱེད་དེ་ལ་ནང་ཆོས་དང༌། དེ་ལྟར་ཐོབ་པ་ལ་བློ་མ་འཁྲུལ་བའི་འཛིན་སྟངས་གཏན་ལ་ཕབ་བྱེད་ཀྱི་རིགས་པའི་ལམ་ལུགས་ལ་ནང་པའི་གྲུབ་མཐའ་བརྗོད་པ་ཡིན། དེས་ན་ནང་ཆོས་ཀྱི་དགོས་པ་ནི་སྣོད་ཀྱི་འཇིག་རྟེན་འཛམ་གླིང་འདི་དང་བཅུད་ཀྱི་འགྲོ་བ་མི་ཙམ་དུ་མ་ཟད་པའི་འགྲོ་བ་སྲོག་དང་ལྡན་ཚད་ཀྱི་གཏན་གྱི་འདུན་མ་བསྒྲུབ་རྒྱུ་ཡིན་ཞིང༌། དེ་ཡང་གནས་སྐབས་ཚེ་ཕྱི་མ་དུད་འགྲོ་དང་ཡེ་དྭགས་ལྟ་བུ་ངན་འགྲོར་མི་ལྟུང་བར་བདེ་འགྲོ་ལྷ་མིའི་སྐྱེ་བ་བརྒྱུད་ནས་མཐར་ཐར་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་རྒྱུ་ཡིན།

༣ ཚན་རིག་དང་ནང་ཆོས་ཀྱི་མཐུན་ས།
ནང་ཆོས་དང་ཚན་རིག་གཉིས་ཀྱི་མཐུན་ས་ཆེ་ཤོས་ནི། གཉིས་ཀའི་ལུང་ཙམ་གྱི་རྗེས་སུ་མ་འབྲངས་པར་མ་འཆོལ་བའི་རིགས་པའི་ལམ་ནས་དངོས་པོའི་གནས་སྟངས་གཏན་ལ་ཕབ་དགོས་པར་འདོད་པ་དེ་ཡིན་ཞིང༌། དེ་ཡང་ནང་པ་སངས་རྒྱས་པར་མཚོན་ན་དངོས་པོའི་གནས་སྟངས་འདོད་ཚུལ་མི་འདྲ་བའི་རྐྱེན་གྱི་རྩ་བའི་གྲུབ་མཐའ་བཞི་དང་ནང་གསེས་ཀྱི་གྲུབ་མཐའ་རྣམས་བྱུང་བ་ཡིན། དེ་བཞིན་ནང་པའི་རྡུལ་ཕྲན་ཆ་མེད་འགོག་པ་དང་ཚན་རིག་པས་ཆེ་ཤེལ་གྱི་མི་འདང་བས་རྡུལ་ཕྲན་གྱི་ཆུང་མཐའ་ད་དུང་བརྗོད་མི་ཐུབ་པར་བཤད་པ་རྣམས་མཐུན་ལ། ལྷག་པར་དེང་དུས་ཁོན་ཏོམ་(Quantum physics)ཚན་རིག་སྨྲ་བ་དང་ནང་པའི་བར་དངོས་པོ་མཐའ་དག་བརྟེན་ནས་འབྱུང་བར་འདོད་ཚུལ་བའི་ཚུལ་ལ་མཐུན་པོ་བྱུང་བ་ཡིན།

༤ ཚན་རིག་དང་ནང་ཆོས་ཀྱི་མི་མཐུན་ས།
ཚན་རིག་དང་ནང་ཆོས་གཉིས་ཀྱི་མི་མཐུན་ས་ནི། སྐྱེ་བ་སྔ་ཕྱི་དང༌། ཉོན་མོངས་གཏན་ཟད་ཀྱི་ཐར་པ། ལས། རྣམ་པར་ཤེས་པ་སོགས་ཚན་རིག་པས་མ་འདོད་ཅིང༌། ཡང་འགྲོ་བ་རྣམས་ཕ་མའི་གཟུགས་ཙམ་ལས་སྐྱེ་བ། ཀླད་པའི་ཆ་ཤས་ཀྱི་ཤེས་པ། དངོས་པོ་ཀུན་ཐོག་མཐའ་གཟུགས་ཅན་ལ་ཐུག་པ་སོགས་ནང་པ་སངས་རྒྱས་པས་མི་འདོད་པ་དང། གཉིས་ཀས་སྲོག་ཡོད་མེད་ཀྱི་འཇོག་མཚམས་ལ་མི་མཐུན་པར་སེམས།

  སྐྱབས་འགྲོའི་བསླབ་བྱ་དང༌། ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ།

དང་པོ་སྐྱབས་འགྲོའི་བསླབ་བྱ་ལ། སོ་སོའི་བསླབ་བྱ་དང་ཐུན་མོང་གི་བསླབ་བྱ་གཉིས་ཡོད་པ་ལས།

༡༽སྐྱབས་གསུམ་སོ་སོའི་བསླབ་བྱ་ལ་དཀོན་མཆོག་གསུམ་སོ་སོ་ལ་སྐྱབས་སུ་འགྲོ་བས་བསླབ་བྱ་གསུམ་ལས།

༡ སངས་རྒྱས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་འཇིག་རྟེན་པའི་ལྷ་དབང་ཕྱུག་དང་ཚངས་པ་དང་རྒྱལ་བཙན་ཀླུ་ལ་སོགས་པར་སྐྱབས་སུ་འགྲོ་བར་མི་བྱེད་པ་དང༌། སྒྲུབ་ཕྱོགས་ནས་སངས་རྒྱས་ཀྱི་སྐུ་གཟུགས་འདམ་བག་དང་ཤིང་དང་རྡོ་སོགས་གང་ཞིག་ལས་བྱས་པ་དང༌། བཟོ་ལྟ་ངན་པ་ལྟ་བུ་དང་ཆག་ཧྲུལ་དུ་གྱུར་པ་ལྟ་བུ་ཅི་འདྲ་ཞིག་ཡིན་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་སམ་ཆ་འཇོག་བྱེད་དགོས་པ་ཡིན།

༢ ཆོས་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད་པ་སྟེ། སྲོག་ལྡན་གང་ཞིག་ལ་སྲོག་གཅོད་པ་དང་བརྡུང་བརྡེག་བྱེད་པ་བལྟ་ཞོག ཐ་ན་བོང་བུར་འཁེལ་ལྕི་མོ་འགེལ་བ་ཚུན་བྱ་མི་རུང་བ་དང༌། སྒྲུབ་ཕྱོགས་ནས་བྱུང་ན་ཆོས་ཀྱི་ཡི་གེ་ན་གཅིག་དང་མ་བྱུང་ན་ཆོས་ཚིག་བཞི་ཡན་ཆད་ལའང་ཆོས་དཀོན་མཆོག་དངོས་ལྟར་གུས་པ་བྱ་དགོས་པ་སྟེ། ཆོས་ཚིག་བཞི་ཡན་ཡོད་པ་ས་མཐིལ་དུ་འཇོག་པ་དང་མི་གཙང་སར་འཇོག་པ་དང༌། ལྷམ་སོགས་དང་ལྷན་དུ་འཇོག་པའམ་འཁུར་བ་དང་ལུས་ཀྱིས་འགོམ་ཡུག་རྒྱག་པ་སོགས་མ་གུས་པ་སྤང་པར་བྱེད་པའོ།།

༣ དགེ་འདུན་ལ་སྐྱབས་སུ་སོང་བས་ནི། དགག་ཕྱོགས་ནས་གྲོགས་མུ་སྟེགས་པ་དང་མི་འགྲོགས་པ་སྟེ། དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་མེད་ཅིང་སྐུར་འདེབས་བྱེད་པ་དེ་དག་དང་འགྲོགས་པར་མི་བྱེད་ལ། སྒྲུབ་ཕྱོགས་ནས་དགེ་འདུན་ནམ་རབ་བྱུང་གི་གོས་གྱོན་པའི་རྟགས་ཙམ་འཛིན་པ་ལའང་མི་གུས་པ་མི་བྱ་ཞིང༌། དགེ་འདུན་པའི་ན་བཟའ་དམར་སེར་ཙམ་ས་ལ་ལྷུང་བ་ལའང་གུས་པར་བྱས་ནས་ས་གཙང་སར་སྐྱེལ་བ་སོགས་བྱེད་དགོས་པའོ།།

༢༽ཐུན་མོང་གི་བསླབ་བྱ་ནི། ༡ དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པའི་སྒོ་ནས་ཡང་ཡང་སྐྱབས་སུ་འགྲོ་བ་དང༌། ༢ དཀའ་དྲིན་དྲན་པའི་སྒོ་ནས་ཁ་ལག་དང་ཇ་སོགས་ཀྱི་ཕུད་ཀྱིས་མཆོད་པ་འབུལ་བ་དང༌། ༣ གཞན་ལ་དཀོན་མཆོག་གི་ཡོན་ཏན་བརྗོད་པ་སོགས་ཀྱིས་སྐྱབས་འགྲོ་ལ་འགོད་པ་དང༌། ༤ སྐྱབས་འགྲོའི་ཕན་ཡོན་དྲན་པའི་སྒོ་ནས་ཉིན་མཚན་ལན་དྲུག་ཏུ་སྐྱབས་འགྲོ་བྱེད་པ་དང༌། ༥ བྱ་བ་གང་ཞིག་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ནས་བྱེད་པ་དང༌། ༦ ཐ་ན་བཞད་གད་ཙམ་གྱི་ཕྱིར་དུ་ཡང་སྐྱབས་འགྲོ་མི་གཏོང་བ་སྟེ། དེ་ཡང་སྲོག་གི་དོན་དུ་སྐྱབས་འགྲོ་མི་གཏོང་བ་མ་ཚད། ཕན་ཚུན་གད་མོ་སློང་དུས་ཀྱང་སྐྱབས་འགྲོ་མི་གཏོང་བ་སྟེ། མནའ་སྐྱེལ་བ་ཚུན་དུའང་དཀོན་མཆོག་མི་གཏོང་བར་བྱེད་པའོ།།

གཉིས་པ་ཞར་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་བཟུང་བ་ནི།

༡ སངས་རྒྱས་དཀོན་མཆོག་ནི། རང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི་སྐབས་གནས་མཐར་ཐུག་སྟེ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་བདག་ཅག་གི་སྟོན་པ་ལྟ་བུ་ཡིན།

༢ ཆོས་དཀོན་མཆོག་ནི། འགོག་བདེན་དང་ལམ་བདེན་གང་རུང་གིས་བསྡུས་པའི་འཕགས་པའི་རྒྱུད་ཀྱི་ཡོན་ཏན་ཏེ། དེ་ཡང་འཕགས་པའི་གང་ཟག་གི་རྒྱུད་ཀྱི་ཉོན་མོངས་སོགས་སྤང་བྱ་སྤངས་པའི་བྲལ་བའམ་ཡོན་ཏན་དེ་འགོག་བདེན་དང༌། ཉོན་མོངས་སོགས་སྤང་བྱ་དེ་དག་སྤོང་བྱེད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལྟ་བུའི་མཁྱེན་པའི་ཡོན་ཏན་དེ་ལམ་བདེན་ཡིན། གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་སངས་རྒྱས་ཀྱི་གསུང་རྣམས་བརྡར་བཏགས་པའི་ཆོས་དཀོན་མཆོག་ཡིན་ཀྱང་ཆོས་དཀོན་མཆོག་དངོས་མ་ཡིན།

༣ དགེ་འདུན་དཀོན་མཆོག་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་སྟེ། མདོར་ན་འཕགས་པའི་གང་ཟག་ཉིད་དགེ་འདུན་དཀོན་མཆོག་ཡིན། དེ་ཡང་ལམ་ལ་སློབ་པའི་ཚེ་དང་པོར་ཚོགས་ལམ་དང༌། དེ་ནས་སྦྱོར་ལམ་གྱི་རྟོགས་པ་སྐྱེས་ཅིང༌། དེ་ནས་མཐོང་ལམ་གྱི་རྟོགས་པ་ནམ་སྐྱེ་བ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་འཕགས་པའི་གང་ཟག་ཏུ་འགྱུར་པ་ཡིན།

སོ་སྐྱེ་སྟེ་འཕགས་པ་མིན་པའི་དགེ་སློང་གི་སྡོམ་ལྡན་བཞི་ཚང་བའིསྡེ་ལྟ་བུ་བརྡར་བཏགས་པའི་དགེ་འདུན་དཀོན་མཆོག་ཡིན་ཀྱང་དགེ་འདུན་དཀོན་མཆོག་དངོས་མ་ཡིན། འོན་ཀྱང་བརྡར་བཏགས་པའི་ཆོས་དང་དགེ་འདུན་ལ་ཆོས་དང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་དགོས་པ་བསླབ་བྱའི་ཐད་དུ་བཤད་ཟིན་པ་ལྟར་རོ།།

ར་ས་ཕོ་ཉས་༢༠༡༠།༡།༡༢ཉིན་བྲིས།

 སྐྱབས་འགྲོའི་རྣམ་གཞག

༡ སྐྱབས་འགྲོའི་ངོ་བོ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་ནས་བློས་ལིང་འགེལ་བྱས་པའོ།། དེ་ཡང་རྒྱུད་ལ་སྐྱབས་འགྲོ་རྣམ་དག་ཞིག་འོང་མིན་ནི་སྐྱབས་འགྲོའི་རྒྱུ་རྣམ་དག་ཡོད་མིན་ལ་རག་ལུས་པས་དེ་ལ།

༢ སྐྱབས་འགྲོའི་རྒྱུ་ནི། རང་སྤྱིར་འཁོར་བ་དང་བྱེ་བྲག་ངན་སོང་གི་སྡུག་བསྔལ་ལ་སྐྲག་པའི་འཇིགས་པ་དང༌། རང་གིས་བློས་འགེལ་ན་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པའོ། །ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་འགྲོ་ལ་དེ་དག་གི་སྟེང་གཞན་སྡུག་བསྔལ་བ་ལ་སྙིང་བརྩེ་བའི་སྙིང་རྗེ་དང་གསུམ་རྒྱུར་དགོས་པའོ།།
 གལ་ཏེ་འཇིགས་པ་དང་དད་པ་སྙིང་རྗེ་གསུམ་གྱིས་རྒྱུ་བྱས་པ་ལས་སྐྱབས་སུ་འགྲོ་ན། ཡུལ་གང་ལ་སྐྱབས་སུ་འགྲོ་བར་འོས་པ་དང་མི་འོས་པ་གང་ཡིན་ཞེ་ན།

༣ སྐྱབས་སུ་འོས་པའི་ཡུལ་ནི།  སྐྱབས་འགྲོ་བདུན་ཅུ་པ་ལས།
སངས་རྒྱས་ཆོས་དང་དགེ་འདུན་ནི།།
ཐར་པ་འདོད་པ་རྣམས་ཀྱི་སྐྱབས།།

ཞེས་གསུངས་པ་ལྟར་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་དང༌། སྒྲིབ་པ་ཅི་རིགས་སྤངས་པའི་འཕགས་རྒྱུད་ཀྱི་བྲལ་བ་འགོག་བདེན་དང་དེའི་རྒྱུ་ལམ་བདེན་ཏེ་ཆོས་དང༌། དེ་གཉིས་གང་རུང་རྒྱུད་ལ་མངའ་བའི་འཕགས་པའི་གང་ཟག་གི་དགེ་འདུན་ཏེ་དཀོན་མཆོག་གསུམ་འབའ་ཞིག་གོ། །
གཞན་བརྒྱ་བྱིན་དང་ཚངས་པ་དབང་ཕྱུག་སོགས་དང༌། དེ་བཞིན་འཇིག་རྟེན་པའི་ཆོས་སྐྱོང་བ་རྒྱལ་བཙན་སོགས་སྐྱབས་སུ་འོས་པ་མིན།
   དེང་སང་མི་སྐྱ་མང་པོས་གདན་ས་ཁག་གི་འདུ་ཁང་དུ་ཡོད་པའི་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་འདྲ་དེ་ཚོར་ཆོས་མཇལ་ཞུ་བ་དང་གསོལ་བ་འདེབས་པར་མ་ཕྱིན་པར། ཉིན་ལྟར་མགོན་པོ་ཁང་དུ་འཇིག་རྟེན་པའི་སྲུང་མ་ཚོར་ཕྱག་འཚལ་ཞིང་མཇལ་དར་ཕུལ་ནས་སྐྱབས་གནས་འཇིག་རྟེན་པའི་རྒྱལ་བཙན་ཚོར་བཅོལ་བ་འདྲ་བྱས་པ་དེ་ལས་ཐབས་སྡུག་པ་མེད་དེ། རྒྱལ་བཙན་སོགས་ནི་རང་ཉིད་ཀྱང་ངན་སོང་གི་སྡུག་བསྔལ་སོགས་ལ་འཇིགས་པ་ཡིན་པས་སྐྱབས་སུ་མི་འོས་ཤིང༌། དེ་དག་ལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་མེད་དང༌། ཕལ་ཆེར་ཡི་དྭགས་དང་དུད་འགྲོའི་རིགས་སུ་གཏོགས་པ་ཡིན་པས་རང་རེ་མི་ལས་རྟེན་དམའ་བ་ཡིན་ལ། དེ་དག་ནི་ཁྲལ་གྱི་དོན་ཆུང་ངུ་ལའང་ཕན་ལས་གནོད་ཚབས་ཆེ་བས་མི་བསླུ་བ་མིན་ནོ།།
 སངས་རྒྱས་ལྟ་བུ་ནི་རང་འཇིགས་པ་ཐ་དག་ལས་གྲོལ་བ་དང༌། གཞན་འཇིགས་པ་ལས་གྲོལ་མཁས་པ་དང༌། སེམས་ཅན་ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ་དང༌། རང་ལ་ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་སྟེ་རྒྱུ་མཚན་བཞིས་སྐྱབས་སུ་འོས་པ་ཡིན།
 འོ་ན་སྐྱབས་སུ་འགྲོ་བའི་ཡུལ་འདི་ལྟ་བུ་ལ་རྒྱུ་དེ་ལྟ་བུ་ལས་སྐྱབས་སུ་འགྲོ་དགོས་ན། སྐྱབས་སུ་འགྲོ་བའི་ཚུལ་ཇི་ལྟ་བུ་སྙམ་ན།

༤ སྐྱབས་སུ་སོང་བའི་ཚུལ་ནི། ཡོན་ཏན་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། ཁྱད་པར་ཤེས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། ཁས་བླངས་པའི་སྒོ་ནས་སྐྱབས་སུ་སོང་བ་དང༌། གཞན་དུ་མི་སྨྲ་བའི་སྒོ་ནས་སྐྱབས་སུ་སོང་བ་སྟེ་བཞི་ཡོད་པ་ལས། འདིར་དང་པོའི་ཚུལ་མདོ་ཙམ་བརྗོད་ན།
 ཡོན་ཏན་ཤེས་པའིསྒོ་ནས་སྐྱབས་སུ་སོང་བ་ནི། དེ་ཡང་།

 སངས་རྒྱས་ཀྱི་ཡོན་ཏན་ལ་མཚན་དཔེ་བཅུ་གཉིས་ཀྱིས་སྤྲས་པ་ལྟ་བུ་སྐུའི་ཡོན་ཏན་དང༌། གསུང་དབྱངས་ཡན་ལག་དྲུག་ཅུ་དང༌། ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ཏུ་དྲི་བ་དུ་ཞུས་ཀྱང་གསུང་གཅིག་གིས་སེམས་ཅན་སོ་སོའི་དྲི་བའི་ལན་བཀྱོན་པ་ལྟ་བུ་གསུང་གི་ཡོན་ཏན་དང༌། ཐུགས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གཟིགས་པ་དང་འགྲོ་བ་རྣམས་ལས་ཉོན་གྱིས་བཅིངས་པ་བཞིན་དུ་སངས་རྒྱས་ཀྱི་ཐུགས་སྙིང་རྗེ་ཆེན་པོས་བཅིངས་པ་ལྟ་བུ་ཐུགས་ཀྱི་ཡོན་ཏན་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ནི་ཆུ་རྩའི་ཟིལ་པ་ནང་ཚུན་གྱི་ཟླ་བའི་གཟུགས་བརྙན་ལྟར་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་དང༌། རྒྱུན་ཆད་པའམ་འཛད་པ་མེད་པར་གནས་པ་ནི་འཕྲིན་ལས་ཀྱི་ཡོན་ཏན་དང༌།
 ཆོས་ཀྱི་ཡོན་ཏན་གོང་སྨོས་ཀྱི་ཡོན་ཏན་དང་ལྡན་པའི་སངས་རྒྱས་དེ་ཆོས་སྐྱོན་སྤངས་པ་འགོག་བདེན་དང་ཡོན་ཏན་སྒྲུབ་པ་ལམ་བདེན་མངོན་དུ་བྱས་པ་ལས་བྱུང་བ་དང༌།
 དགེ་འདུན་གྱི་ཡོན་ཏན་གོང་སྨོས་ཀྱི་ཆོས་དེ་ཉིད་ཚུལ་བཞིན་དུ་བསྒྲུབ་པ་དང༌། ངག་གིས་ཆོས་སྨྲ་བ་དང༌། ལུས་ཀྱིས་ཆོས་སྤྱོད་པ་དང༌། ཡིད་ཀྱིས་ཆོས་ཀྱི་དོན་སེམས་པ་སོགས་དང༌། ཡང་བྱང་ཆུབ་ཀྱི་ཆོས་མཐུན་ཐོབ་པ་དང་བདེན་པ་མཐོང་བ་དང་ངན་འགྲོར་སྐྱེ་བའི་ས་བོན་ཟད་པ་སོགས་ཡོན་ཏན་མཐའ་ཡས་པ་ཡོད་པ་དག་དྲན་པར་བྱས་ནས་སྐྱབས་སུ་འགྲོ་བའོ།།
 དེ་ལྟ་བུའི་སྐྱབས་འགྲོ་བྱེད་པ་ལ་དགོས་པ་ཨེ་ཡོད་སྙམ་དུ་དོགས་ན། དེ་ལྟར་སྐྱབས་འགྲོ་བྱས་པས་སྐྱབས་འགྲོའི་ཕན་ཡོན་ཐོབ་པའི་དགོས་པ་དང་ལྡན་ཏེ།

༥ སྐྱབས་འགྲོའི་ཕན་ཡོན་ནི། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང༌། ལས་ཀྱི་སྒྲིབ་པ་སྲབ་པར་འགྱུར་བ་དང༌། ཚོགས་རྒྱ་ཆེན་པོ་བསོག་པ་དང༌། བར་ཆད་ཀྱིས་མི་ཚུགས་པ་དང༌། བསམ་པའི་དོན་གྲུབ་པ་དང༌། གནས་སྐབས་ངན་འགྲོར་མི་ལྟུང་ཞིང་མཐར་སངས་རྒྱས་ཐོབ་པ་རྣམས་ཡིན་ཏེ།  སྐྱབས་འགྲོ་བདུན་ཅུ་པ་ལས།
དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ།།
དེ་ནི་སྡོམ་བརྒྱད་རྩ་བ་ཡིན།།ཞེས་དང༌།
གང་དག་སངས་རྒྱས་སྐྱབས་སོང་བ།།
དེ་དག་ངན་འགྲོར་འགྲོ་མི་འགྱུར།།ཞེས་དང༌།
ཕར་ཕྱིན་བསྡུས་པ་ལས་ཀྱང༌།
སྐྱབས་སོང་བསོད་ནམས་གཟུགས་ཡིན་ན།།
སྟོང་གསུམ་དེ་ཡང་སྣོད་དུ་ཆུང༌།།
ཞེས་སོགས་གསུངས་པས་སོ།།

ར་ས་ཕོ་ཉས་༢༠༡༠ཟླ་བ་༡་ཚེས་༧་ཉིན་བྲིས།


ཡོན་ཆབ་འབུལ་ཚུལ།  ༼ནང་ཆོས།༽

ར་ས་ཕོ་ཉ།

ཇོ་བོ་རྗེ་དཔལྡན་ཨ་ཏི་ཤའི་ཞལ་ནས། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས་བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་པར་འདུག་ཞེས་གསུངས་པས། ངེད་ཅག་བོད་ཀྱི་ཆུ་འདིས་ཡོན་ཆབ་ཕུལ་ན་ཕན་ཡོན་ཤིན་ཏུ་ཆེན་པོ་འབྱུང་རྒྱུ་གདོན་མི་ཟ་བས་ད་ལན་ཡོན་ཆབ་འབུལ་ཚུལ་གྱི་སྐོར་ཞིག་བརྗོད་ན།

༡༽ ཕུལ་བྱའི་རྫས་ཆུའི་ཡོན་ཏན།
གང་ཕུལ་བར་བྱ་བའི་ཆུ་ལ་འབྱུང་ན་ཡན་ལག་བརྒྱད་ལྡན་ཉིད་བཟང་བ་ཡིན་ཏེ། ཡན་ལག་བརྒྱད་ནི།
མཆིམས་འཇམ་པའི་དབྱངས་ཀྱིས།
བསིལ་དང་ཞིམ་དང་ཡང་བ་དང་།།
འཇམ་དང་དྭངས་དང་དྲི་ང་མེད།།
འཐུང་ན་མགྲིན་དང་ལྟོ་བ་ལ།།
མི་གནོད་ཡན་ལག་བརྒྱད་ལྡན་ཆུ།།

ཞེས་གསུངས་པ་ལྟར་ཡིན། གལ་ཏེ་མི་འབྱུང་ན་རྒྱུན་ལྡན་སོ་སོའི་འཐུང་རྒྱུའི་ཆུས་ཕུལ་ནའང་མ་འགྲིགས་པ་མེད།

༢༽ ཕུལ་བྱེད་གང་ཟག་གི་ཀུན་སློང་བཅོས་ཚུལ།
མགོན་པོ་ཀླུ་གྲུབ་ཀྱིས།
འདོད་ཆགས་ཞེ་སྡང་གཏི་མུག་གསུམ།།
དེས་བསྐྱེད་ལས་ནི་མི་དགེ་བ།།
མ་ཆགས་མི་སྡང་གཏི་མུག་མེད།།
དེས་བསྐྱེད་ལས་ནི་དགེ་བའོ།།

ཞེས་གསུངས་པ་ལྟར་ཐོག་མར་དགེ་བའི་སེམས་དཔེར་ན། མ་སེམས་ཅན་ཀུན་གྱི་དོན་དུ་ངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བ་ལ་ཐོག་མར་ཚོགས་གསོག་པའི་ཕྱིར་དཀོན་མཆོག་མཆོད་པར་བགྱིའོ་སྙམ་པའི་ཀུན་ནས་སློང་ན། དངོས་གཞི་ཡོན་ཆབ་ཕུལ་བའི་ལས་ཐམས་ཅད་དགེ་བར་གྱུར་ཏེ། ཇོ་བོ་ཆེན་པོས་ཀྱང་། རྩ་བ་སྨན་ཡིན་ན་ཡལ་ཁ་དང་ལོ་མ་ཡང་སྨན་དུ་སོང་ཞེས་གསུངས་སོ།།

༣༽ ཚུལ་ཇི་ལྟར་འབུལ་བའི་ཚུལ།
དང་པོ་༼མཆོད་སྟན་ཐིང་དེ་ནས་༽ཏིང་རྣམས་ཕྱིས། དེ་ནས་ཏིང་རྣམས་བརྩེགས་ཏེ་ཏིང་སྟེང་མ་དེའི་ནང་ཆུ་ཅུང་ཟད་བླུགས། ཨོཾ་ཨཿ་ཧཱུྂ་ཞེས་བརྗོད་ནས་བྱིན་གྱིས་རླབས། དེ་ནས་ཏིང་སྟེང་མར་ཡོད་པའི་ཆུ་དེ་ཏིང་འོག་མ་འོག་མར་བགོ་བཞིན་ཏིང་རྣམས་བསྒྲིགས། ཏིང་སྒྲིག་པའི་ཚེ་ཏིང་ཕན་ཚུན་མི་ཐུག་པ་དང་བར་ཐག་མི་རིང་བ་དང་ཏིང་ཕན་ཚུན་བརྡབས་ནས་སྒྲ་མ་འབྱིན་པ་བྱེད་དགོས། དེ་ནས་ལག་པ་གཉིས་ཀས་གུས་པས་གྲལ་མགོ་ནས་ཕུལ་དགོས་ཤིང་། དེ་ཡང་ལུད་པ་དང་མ་ཁེངས་པ་མ་ཡིན་པར་འབྲུ་རེ་ཚོད་ཙམ་མ་གཏོགས་གང་བར་བླུགས་ན་དགེ་ལེགས་འཕེལ་ལ། དེ་ལས་ལྡོག་ན་ཉེས་དམིགས་བྱུང་བ་ཡིན།

༤༽ ཕུལ་བའི་ཕན་ཡོན་དང་ཇི་ལྟར་གཤོམ་༼སྡུད་༽ཚུལ།
ཡན་ལག་བརྒྱད་ལྡན་ཆུའི་ཡོན་ཆབ་ཕུལ་བས་ཕན་ཡོན་མི་འདྲ་བ་བརྒྱད་སོ་སོར་ཐོབ་ཏེ། དེ་ཡང་། བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང་། ཞིམ་པ་ཕུལ་བས་རོ་མཆོག་རྙེད་པ་དང་། ཡང་བ་ཕུལ་བས་ལུས་སེམས་ལས་སུ་རུང་བ་དང་། དྭངས་པ་ཕུལ་བས་རིག་པ་དྭངས་པ་དང་། དྲི་ང་མེད་པ་ཕུལ་བས་སྒྲིབ་པ་སྦྱོང་བ་དང་། ལྟོ་བར་མི་གནོད་པ་ཕུལ་བས་ནད་མི་འབྱུང་བ་དང་། མགྲིན་པར་མི་གནོད་པ་ཕུལ་བས་ངག་སྙན་པ་འབྱུང་ངོ་། །མཐར་ཐུག་ཀྱི་ཕན་ཡོན་ནི་སངས་རྒྱས་ཀྱི་སྐུ་སྒྲུབ་བྱེད་ཀྱི་ཚོགས་སུ་འགྲོ་བའོ། །གཤོམ་པའི་ཚེ་བླ་མ་རྣམས་ཀྱི་ཕྱག་ལེན་བཞིན་དང་པོ་མཇུག་ནས་རིམ་གྱི་བཤམ་དགོས་པའོ།།


ཡི་གེ་ཁོ་ནའི་ལམ་ནས་ཐད་ཀར་བགྲོ་གླེང་བྱ་ས།  (CHAT) འདིར་རུ་བསྣུན།

 གཟུགས་མཐོང་བགྲོ་གླེང་སྒེའུ་ཁུང་། 

གཡས་ཀྱི་
nick name ཞེས་པར་མིང་འགོད་ཅིང།
gender ཞེས་པའི་ནང་ཕོ་ཡིན་ན་male དང་མོ་ཡིན་ན་female འདེམས་ཏེ།
age ཞེས་པར་ལོ་གྲངས་བྲིས་རྗེས།
i agree with the terms ཞེས་པར་འགྲིགས་རྟགས་རྒྱབ་ནས།
guest login ཞེས་པའི་ནང་འཛུལ་ན་མི་གཞན་དང་ཕན་ཚུན་ཞལ་མཇལ་་ནས་སྐད་ཆ་ཤོད་ཐུབ།

གསར་འགྱུར། 

 རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་རྩེད་གསར་གནས།


ད་རིང་སྤྱི་ཚེས་༡༩ ཉིན་སྦེལ་ཀོབ་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་ཐེངས་༡༦་པའི་ཐ་མའི་འགྲན་རྩེད་བྱས་ཏེ་ཐེངས་འདིའི་རྐང་སྤོལ་འགྲན་རྩེད་བཀྲ་ཤིས་ངང་མཇུག་སྒྲིལ་ཡོད་འདུག  ད་ཐེངས་ཀྱི་ཐ་མའི་འགྲན་བསྡུར་གྱི་ནང་དུ་རུ་ཁག་༡༨་འཛུལ་ཞུགས་བྱས་པ་ལས་མཐར་མོན་གྷོ་རུ་ཁག་དང་ཀལ་མེན་ཊོན་རུ་ཁག་གཉིས་ཐུག་ཏེ། དེ་རིང་ཉིན་རྒྱབ་ཏུ་རུ་ཁག་དེ་གཉིས་ཀྱི་རྐང་སྤོལ་རྣོ་ངར་ལྡན་པའི་ངང་རྩེད་འགྲན་བྱས་ཡོད་འདུག དེ་ཡང་དང་ཐོག་མོན་གྷོ་རུ་ཁག་གིས་གྷོལ་གཉིས་བླུགས་པའི་རྗེས་རིམ་པས་ཀལ་མེན་ཊོན་རུ་ཁག་གིས་ཀྱང་གྷོ་གཉིས་ཐམ་པ་ཚུར་བླུགས་པ་ལས་མཐར་ཐད་ཐོབ་penalty བསྡུར་དགོས་བྱུང་འདུག  ཐད་ཐོབ་པེན་ནལ་ཊི་སྐབས་མོན་གྷོ་རུ་ཁག་གིས་༢་དང་ཀལ་མེན་ཊོན་རུ་ཁག་གི་གསུམ་བླུགས་པ་ལས་ཐ་མའི་རྒྱལ་ཁའི་གསེར་གྱི་བུམ་པ་དེ་ཀལ་མེན་ཊོན་རུ་ཁག་ལ་ཐོབ་ཡོད་འདུག  མོན་གྷོ་རུ་ཁག་གི་དེད་དཔོན་ཡོངས་གྲགས་སུ་ཨཕ་རི་ཀ་ཟེར་བ་དེས་ཐ་མའི་ཐད་ཐོབ་པེན་ནལ་ཊི་སྐབས་སྤོལ་ལོ་བླུགས་མ་ཐུབ་པ་དེས་སམ་གང་ལྟར་དགའ་སྡུག་གི་ཚོར་བ་གང་ཞིག་གིས་མིག་ཆུ་བཏང་ནས་ཞེ་དྲག་ངུ་ཡི་ཡོད་འདུག  ཨཕ་རི་ཀ་ཟེར་བ་དེ་ནི་མོན་གྷོ་ས་གནས་སུ་ཚང་མས་དགའ་མོས་དང་བསྔགས་བརྗོད་བྱ་སའི་རྐང་སྤོལ་རྩེད་འགྲན་པ་ཡག་ཤོས་དེ་ཡིན་འདུག


དེ་རིང་ཉིན་རྒྱབ་ཚོུད་༢་༠༠ ནས་འགོ་བཙུགས་ཏེ་རྒྱལ་ཡུམ་ཆེན་མོའི་ཕྱེད་ཐ་མའི་རྐང་སྤོལ་འགྲན་བསྡུར་བྱས་འདུག དེ་ཡང་དང་པོ་མོན་གྷོ་རུ་ཁག་དང་སྤོག་ར་རུ་ཁག་གཉིས་ཀྱི་བར་འགྲན་རྩེད་བྱས་པ་ལས་ཐ་མའི་འབྲས་བུར་མོན་གྷོ་རུ་ཁག་གིས་གྷོལ་goalགཉིས་བླུགས་ཏེ་སྤོག་ར་རུ་ཁག་གྷོལ་གཅིག་གི་ཐོག་ཕམ་པར་བྱས་ཡོད་འདུག
འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་རྩེད་མོ་མཇུག་རྫོགས་མ་ཐག་བལ་ཡུལ་སྤོག་རའི་རུ་ཁག་གི་རྩེད་འགྲན་པ་ཚོས་རྐུབ་སྟེགས་མང་པོ་བཅགས་པ་སོགས་བྱས་ཡོད་ཀྱང་མི་མང་གི་ཁྲོད་དེང་རབས་ཀྱི་ཤེས་ཚད་འཕེལ་རྒྱས་དང་༸གོང་ས་མཆོག་གི་བཀའ་སློབ་ཀྱིས་རྒྱུད་བརླན་ཡོད་སྟབས་འཁྲུག་པ་ཆེན་པོ་དེ་འདྲ་གང་ཡང་བྱུང་ཡོད་མི་འདུག

དེའི་རྗེས་ཀལ་མེན་ཊོན་རུ་ཁག་དང་ཧོན་སུར་གཞིས་ཆགས་ཀྱི་རུ་ཁག་གཉིས་བར་འགྲན་རྩེད་བྱས་པའི་འབྲས་བུར་ཀལ་མེན་ཊོན་གྱི་གྷོལ་གཅིག་གིས་ཧོན་སུར་གཞིས་ཆགས་ཀྱི་རུ་ཁག་ཕམ་པར་བྱས་འདུག  དེ་སྐབས་ཧོན་སུར་རུ་ཁག་ལ་ཐད་ཐོབ་penalty་གཅིག་རག་ཡོད་ནའང་རུ་ཁག་གི་དེད་དཔོན་དེས་བླུགས་ཐུབ་མི་འདུག  ཐ་མའི་རྩེད་འགྲན་གྲུབ་རྗེས་ཧོན་སུར་རྩེད་འགྲན་པ་མང་པོ་མིག་ཆུ་གཏོང་བ་དང་། རྩེད་འགྲན་པ་གཅིག་གིས་ཁོས་རྐང་སྤོལ་གཅིག་སྒོ་འགྲམ་དུ་བླུགས་མ་ཐུབ་པའི་འགྱོད་པས་ཐང་དཀྱིལ་དུ་ཡུན་རིང་མིག་ཆུ་གཏོང་ནས་བསྡད་པར་ལྟད་མོ་བ་ཚོས་སེམས་གསོ་གཏོང་བཞིན་ངག་ཏུ་སེམས་ཤུགས་མ་ཆགས་ལོ་རྗེས་མ་ཤུགས་རྒྱག་ཆོག་ཟེར་གྱི་ཡོད་འདུག

ལྟད་མོ་བ་ཞིག་གིས་བརྗོད་དོན་ལ། ད་ལོ་རུ་ཁག་ཚང་མས་དཔེ་ཆག་པོ་རྩེ་ཡི་འདུག་ལ་ལྷག་པར་དུ་ད་ཐེངས་ཤོར་མཁན་སྤོག་ར་རུ་ཁག་དང་ཧོན་སུར་རུ་ཁག་གཉིས་ཀ་དཔེ་ཡག་རྩེ་ཡི་འདུག་ཟེར།

དེས་ན་སང་ཉིན་ཚོུད་གཉིས་པའི་ཐོག་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་ཐ་མ་དེ་མོན་གྷོ་རུ་ཁག་དང་ཀལ་མེན་ཊོན་རུ་ཁག་གཉིས་ཀྱི་བར་བྱ་རྒྱུ་ཡིན་ཞིང་། རུ་ཁག་དེ་གཉིས་ལས་སུ་ཐོབ་བཤད་ཚོད་ཐིགས་པ་དཀའ་ནའང་མི་མང་ཚོས་ཐ་མའི་རྩེད་འགྲན་དེ་འཁྲུག་རྩོད་མེད་པར་ཞི་བདེ་ངང་གྲུབ་པའི་རེ་བ་བྱེད་ཀྱི་ཡོད་འདུག
སྤྱི་ལོ་༢༠༡༠ཟླ་༩་ཚེས་༡༨་ཉིན།


དེ་རིང་སྤྱི་ཚེས་༡༧ཉིན་བལ་ཡུལ་སྤོག་ར་རུ་ཁག་གིས་གྷོལ་གཅིག་གིས་ཅེན་ན་ཡེ་མཐོ་སློབ་ཕམ་པར་བྱས་པ་དང་།  ཀ་ལི་མེན་ཊོན་རུ་ཁག་གིས་གྷོལ་གཅིག་གིས་བོད་ཁྱིམ་ཕམ་པར་བྱས་པ་ལས། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གྱི་ཕྱེད་ཐ་མའི་འགྲན་བསྡུར་གྱི་ཁྲོད་མོན་གྷོ་དང་སྤོག་ར་དང་ཧོན་སུར་དང་ཀ་ལི་མེན་ཊོན་བཞི་བསྡུར་རྒྱུ་ཆགས་འདུག།


 

སྦེལ་ཀོབ་གཞིས་ཆགས་སུ་འདི་ཟླའི་འགོ་སྟོད་ནས་རྒྱལ་ཡུལ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་ཐེངས་༡༦་པ་ཚོགས་བཞིན་ཡོད།
དེར་དང་ཐོག་རུ་ཁག་༡༨་ཡོད་པ་ལས་ད་ཆ་རུ་ཁག་དྲུག་ལས་ལྷག་མེད།  དེ་རིང་ཉིན་རྒྱབ་ཏུ་མོན་གྷོས་སྦེལ་ཀོབ་པེན་ནལ་ཊི་penalty ཐོག་ཕམ་པར་བྱས་པ་དང་། ཧོན་སུར་གྱིས་གྷོ་ལ་ཐ་ལ་གསུམ་གྱིས་གཉིས་ལ་ཕམ་པར་བྱས་འདུག
དེས་ན་མོན་གྷོ་དང་ཧོན་སུར་གཉིས་ཕྱེད་ཐ་མའི་འགྲན་བསྡུར་ནང་ཚུད་ཡོད་པ་དང་། སྦེལ་ཀོབ་དང་གྷོ་ལ་ཐ་ལ་གཉིས་བུད་འདུག  སྦེལ་ཀོབ་དང་གཞིས་ཆགས་དེ་གའི་ཁོངས་གཏོགས་ཀྱི་གྷོ་ལ་ཐ་ལའི་རུ་ཁག་བཅས་གཉིས་ཀ་བུད་པ་དེས་འཛིན་བྱང་ཉོ་མཁན་ཉུང་དུ་འགྲོ་ཉེན་ཡོད་པས། རྐང་སྤོལ་ཚོགས་པར་གྱོང་ཆེན་པོ་ཕོག་པར་དོགས་གཟོན་བྱེད་ཀྱི་ཡོད་འདུག  སང་ཉིན་བལ་ཡུལ་པོག་ར་རུ་ཁག་དང་
ཅེན་ན་ཡེ་མཐོ་སློབ་དང་། ཀ་ལི་མེན་ཊོན་དང་བོད་ཁྱིམ་སློབ་གྲྭ་བར་འགྲན་རྒྱུ་རེད་འདུག  སྤྱི་ཟླ་༩་ཚེས་༡༦་ཉིན།


 

 

ལྡི་ལི་སྣེ་ལེན་ཁང་དང་མན་ཇུ་ཀྲིས་ལར་ཆུ་ཡིས་གནོད་འཚེ་འཕྲད་བཞིན་པ།

དེ་རིང་ཟླ་དགུ་བའི་ཚེས་བཅུ་གཅིག་རེད་ལ་ང་རང་ལྡི་ལི་མན་ཇུ་ཀྲི་ལར་ཡོད། མདང་ནུབ་ཁྱིམ་ཚང་མང་པོའི་སྡོད་ཁང་དུ་ཆུ་འཛུལ་བས་ཞོགས་པའི་ནམ་ལངས་པ་དང་འདི་གའི་མི་མང་པོ་ཞིག་གྲོག་ཚང་གི་རྡོ་ལེབ་བཀོག་པ་ལྟར་རང་ཉིད་ཀྱི་ཅ་ལག་ས་གཞན་ལ་དབོརའདྲེན་བྱེད་བཞིན་འདུག གོ་ཐོས་ལྟར་ན་སྣེ་ལེན་ཁང་གི་འོག་ཁང་ཆུ་ཡིས་གང་བར་མ་ཟད་དེར་ཡོད་ཚོང་ཁང་ཡོད་ཚད་སྒོ་བརྒྱབ་འདུག་ཟེར། དེར་བརྟེན་ང་རང་བྷོ་ཏི་བྷེ་ཡར་བསྐྱོད་པ་ཡིན།

ལྡི་ལི་བོད་སྒར་བསམ་ཡས་གླིང་དང་ལྡི་ལི་སྣེ་ལེན་ཁང་སོགས་སུ་ཡ་མུ་ན་གཙང་པོ་རྒྱས་ཏེ་མི་མང་པོའི་འཚོ་གནས་ལ་དཀའ་ངལ་ཆེན་པོ་བྱུང་འདུག་ལ། རྒྱ་གར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན་ཡ་མི་ན་གཙང་པོ་མི་ལོ་བཞི་བཅུ་ཞེ་དྲུག་རིང་རྒྱས་ཆེ་ཤོས་དེ་ད་ལོ་ཆགས་ཡོད་པས། ཧ་རིས་ཡ་ན་མངའ་སྡེའི་ནང་དུ་ཡོད་པའི་ཆུ་མཛོད་ཁ་ཤས་ཞིག་ཤོར་དོགས་ཀྱིས་ཆུ་གློད་དགོས་བྱུང་འདུག།

བྷོ་ཏི་བྷེ་ཡའི་ཉེ་འགྲམ་དུ་གནས་སྡོད་མཁན་རྒྱ་གར་བ་སན་ཅིས་ཀྱིས་བཤད་པ་ལྟར་ན་ཁོང་འདི་གར་ལོ་35་ལ་བསྡད་མྱོང་མོད་ད་ལོ་ནང་བཞིན་ཡ་མུ་ན་གཙང་པོ་རྒྱས་པ་མཐོང་མྱོང་མེད་ཟེར།

ཁང་པ་མང་པོའི་ནང་དུ་ཆུས་གང་ཡོད་སྟབས་གློག་གི་ཉེན་ཁ་འགོག་ཆེད་ཉིན་གཉིས་རིང་གློག་ཀྱང་གཏོང་མཚམས་བཞག་སོང་

དུས་བབ་ཟིན་བྲིས་ལས་དྲངས། 

 ཟླ་བ་༨་ཚེས་༢༨ ཉིན་འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་གྲུབ་པ།

 

སྤྱི་ཟླ་བརྒྱད་པའི་ཚེས་༡༡་ནས་ཚེས་༢༨བར་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འདི་ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྒྱུ་སྤྲོད་ཆེན་མོ་འཚོགས་སོང་
 དེ་ཡང་འདི་ལོར་སྔ་རྒྱུན་དང་མི་འདྲ་བའི་འགྱུར་བ་ཆེན་པོ་ཞིག་བཏང་ཡོད་པ་ནི།  དུས་རྒྱུན་ནང་དོན་རིག་པ་དང་ཐུན་མོང་གི་རིག་གནས་བཅས་ལ་བྲིས་རྒྱུགས་དགུ་ཙམ་ཡོད་པ་དེ་དག་ཉིན་ལྟར་བར་མཚམས་མེད་པར་གཏོང་བཞིན་ཡོད་པས། དེས་དགེ་འདུན་པ་མང་པོར་ཉིན་དེ་དག་ཏུ་གཞུང་ཆེན་རབ་འབྱམས་ལ་དཔེ་ཀློག་ཤུགས་ཆེ་རྒྱུན་གནང་དགོས་བྱུང་བ་སོགས་ལས། སྐུའི་འཕྲོད་བསྟེན་ལ་གནོད་འཚབ་ཆེན་པོ་བཟོ་ཡི་ཡོད་པས་འདི་ལོར་ལེགས་སྒྲུབ་ངན་དོར་གྱིས་བྲིས་རྒྱུགས་རེ་གཉིས་ཀྱི་མཚམས་སུ་བྲིས་རྒྱུགས་མཚམས་བཞག་གིས་དེ་རིང་རྩོད་རྒྱུགས་ལེན་པ་གནང་སོང་།  ཚེས་༡༡ཐོག་མོའི་མཛད་སྒོའི་ཉིན་དགའ་ལྡན་ཤར་བྱང་གི་མཁན་རིན་པོ་རྣམ་གཉིས་དང་གཞན་གྲྭ་ཚང་ཁག་གི་མཁན་ཚབ་རྣམ་པ་བཅས་ཀྱིས་དགེ་ལྡན་པའི་རྒྱུགས་སྤྲོད་སྤྲོད་གཟི་བརྗིད་ལྡན་པ་དང་བསླབ་གཉེར་ཡར་རྒྱས་དེ་ལྟར་བྱུང་བ་ཚང་མ་གཞན་སུས་ཀྱང་འཇོན་བཞག་པ་དེ་འདྲ་མིན་པར་༸གོང་ས་མཆོག་གི་དཀའ་དྲིན་ཉག་གཅིག་ལས་བྱུང་བ་གསུངས་སོང་།  དེ་ནས་ཉིན་བཅུ་བདུན་གྱི་རིང་རྒྱུགས་སྤྲོད་བྱས་པའི་མཐར་ཚེས་༢༨ཉིན་རྒྱུགས་སྤྲོད་མཇུག་བསྡུའི་མཛད་སྒོ་འཚོགས་པ་དང་།  རྒྱུགས་བཞེས་པ་དང་རྒྱུགས་སྤྲོད་པ་ལྷན་བཞུགས་ཀྱིས་སྐུ་དཔར་འགྲོན་པ་སོགས་གནང་། ད་ལན་རྒྱུགས་སྤྲོད་ཀྱི་རིང་རྒྱུགས་འབུལ་མཁན་གྲངས་བཞི་བརྒྱ་ལྔ་བརྒྱའི་བར་ཡོད་པ་དེ་དག་ཚང་མ་སྐུ་ཁམས་བདེ་ལེགས་ངང་རྒྱུགས་འབུལ་ཐུབ་པ་བྱུང་འདུག  རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཟླ་བ་གཅིག་དང་ཕྱེད་ཀྱི་རྗེས་འདོན་རྒྱུ་ཡིན་པ་རྒྱུགས་སྤྲོད་དོ་དམ་པའི་གསལ་བསྒྲགས་གནང་སོང་

 ཁ་རྩངས་རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ས་ཁུལ་ཀན་སུ་ཞིང་ཆེན་དུ་ཆར་ཤུགས་ཆེ་དྲག་པས་ས་བསྙིལ་གྱི་དོན་རྐྱེན་བྱུང་སྟེ་མི་གྲངས་༨༠ལྷག་རྐྱེན་ལམ་དུ་ཕྱིན་པ་དང་། མི་གྲངས་༢༠༠༠ལྷག་གར་སོང་མི་ཤེས་པ་བྱུང་འདུག

Landslides

འདི་ཟླའི་ཚེས་༦་ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཆུ་ལོག་གིས་མི་མང་པོ་འདས་གྲོང་དང་རྐྱེན་ངན་བྱུང་འདུག

www.reuters

རྒྱ་ནག་གི་ཐེངས་གཅིག་གི་ཕྱུག་ཤོས་དང་མཱ་ཇོར་རེ་ཊེལ་༼སིལ་ཚོང་ཆེ་ལས་༽གྱི་གཞི་འཛིན་མཁན་ཆཱེན་ཟེར་བ་དེར་ལྐོག་རྔན་དང་ཁྲིམས་འགལ་གྱི་ཚོང་ལས་ཀྱི་ཉེས་མིང་འོག་རེས་གཟའ་མིག་དམར་ཉིན་ལོ་༡༤རིང་བཙོན་འཇུག་བྱས་ཡོད།

 

 འཛམ་གླིང་ནང་གི་མི་ཐུང་ཤོས་དེ་རང་ལོ་༢༡ ལ་འདས་གྲོངས་སུ་གྱུར་ཡོད།

article-1145434-0380914B000005DC-729_468x674ཟླ་བ་འདི་ནང་ཕིཊ་གཉིས་དང་ཨིན་ཆི་ལྔ་ལས་མེད་པའི་འཛམ་གླིང་མི་ཐུང་ཤོས་ཧེ་པིང་པིང་ནི་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་ནང་གྲོངས་ཡོད།
ཁོ་ནི་ཕྱི་ལོ་༡༩༨༨ལོར་རྒྱ་ནག་གི་ཝུ་ལན་ཆ་བུ་རུ་སྐྱེས་པ་དང་ཕྱི་ལོ་༢༠༠༨ལོར་འཛམ་གླིང་འདི་ནང་གི་མི་ཐུང་ཤོས་སུ་ངོས་འཛིན་བྱས་ཡོད། ཧེ་པིང་པིང་གིས་ད་ལན་རྒྱལ་ཁབ་གང་སར་འགྲུལ་ཞུས་ཆེན་པོ་བྱས་ཡོད་པ་དང་། རོམ་དུ་སླེབས་སྐབས་བྲང་ཁོག་ལ་དཀའ་ངལ་བྱུང་སྟེ་སྨན་ཁང་དུ་བདུན་ཕྲག་གཉིས་ཙམ་བསྟེན་གྲོངས་ཡོད་པ་རེད།   ༢༠༡༠།༣།༢༡ཉིན་སྤེལ།

 

རྒས་ཁོག་གཉིས་ཉིན་གཅིག་ལ་གྲོངས་པ།

"མོས་མི་ཚེ་སྐྱིད་པོའི་ངང་བསྐྱལ་བ་རེད། མོས་ག་དུས་ཡིན་ནའང་འཆི་རྒྱུ་དྲན་གྱི་མེད། "

"མོས་མོ་རང་གི་སྐྱེས་སྐར་དགའ་སྟོན་བྱེད་རྩིས་བྱས་ཡོད།"

ཅེས་རེས་གཟའ་ཟླ་བའི་ཉིན་འདས་གྲོངས་སུ་གྱུར་པའི་ལྕམ་མེ་རི་་ཇོ་སེ་ཕ་ཡེན་་་ར་ཡེ་Mary Josephine Rayཡི་བུ་མོ་རྒན་པ་ཀེ་ཐེ་རི་ཡན་katherineགྱིས་རང་གི་ཨ་མ་གྲོངས་པའི་ཕྱོགས་ལ་བརྗོད་ཡོད་འདུག

མེ་རི་་ཇོ་སེ་ཕ་ཡེན་་་ར་ཡེ་ནི་ཨ་མི་རི་ཀ་ནང་གི་ལོ་སྣ་མཐོ་ཤོས་ཀྱི་མི་ཡིན་པའི་ཕྱག་འཁྱེར་ཡོད་པ་དང་། འཛམ་གླིང་ནང་གི་མི་ལོ་མཐོ་ཤོས་ཨང་གཉིས་པ་དེ་ཡིན་ལ། རེས་གཟའ་ཟླ་བའི་ཉིན་སྐྱེས་ནས་ལོ་ངོ་༡༡༤དང་ཞག་པོ་༢༩༤འགྲོ་ཡི་ཡོད་པ་རེད།

ཡ་མཚན་པ་ཞིག་ལ་ཁོང་མོ་གྲོངས་ནས་ཆུ་ཚོད་ཁ་ཤས་ཀྱི་རྗེས་ལྕམ་ཌེ་ཛི་་སྦི་ལེ་་daisy bailey
གྲོངས་ཡོད། ཁོང་ནི་འཛམ་གླིང་ནང་གི་ལོ་མཐོ་ཤོས་ཀྱི་མི་སྣ་ཨང་ལྔ་པ་དང་།  མི་རིགས་ནག་པོའི་ཁྲོད་ཀྱི་ཨང་དང་པོ་དེ་ཡིན་འདུག གྲོངས་པའི་ཉིན་ཁོང་སྐྱེས་ནས་ལོ་ངོ་༡༡༣དང་ཞག་པོ་༣༤༢འགྲོ་ཡི་ཡོད་འདུག ༢༠༡༠།༣།༡༠ཉིན་སྤེལ།


༸གོང་ས་མཆོག་གིས་ཊེའུ་ཊར་སྒོ་ཕྱེ་གནང་བ།

འཛམ་གླིང་སྤྱིའི་ཆོས་ལུགས་དང་ཁྱད་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་གིས་ཡི་ཤུའི་བླ་ཆེན་སྤོབ་སོགས་ནང་བཞིན་ཊེའུ་ཊར་སྤྱི་ཚོགས་དྲ་རྒྱའི་ནང་མཚན་འགོད་གནང་ཡོད། དེ་ཡང་།

༸གོང་ས་མཆོག་གིས་ཨོ་བྷ་མ་དང་མཇའ་འཕྲད་ནས་ཨ་མི་རི་ཀའི་ལོ་སེ་་་ཨེན་ཇེལ་སེ་Los Angelsནང་ཕེབས་དུས།

སྤྱི་ཚོགས་དྲ་འབྲེལ་སྲོལ་གཏོད་པ་ཨེ་ཝན་་་ཝེལ་ལིམ་སེ་Evan Williams དང་མཇའ་འཕྲད་གནང་རྗེས་སྒོ་ཕྱེ་བ་ཡིན་འདུག  ༸གོང་ས་མཆོག་གིས་ཊེའུ་ཊེ་དབུ་འབྱེད་གནང་ནས་བདུན་ཕྲག་གཉིས་ཙམ་གྱི་ནང་མི་གྲངས་༡༤༠༠༠༠ཐམ་པ་ལྷག་པས་༸གོང་ས་མཆོག་གི་ཊེའུ་ཊར་དྲ་བྱང་ལ་རྗེས་སུ་འབྲངས་པའམ་འཐུད་ཡོད་འདུག

ཊེའུ་ཏར་སྲོལ་གཏོད་པ་ཨེ་ཝན་་་ཝེལ་ལིམ།

 ཆི་ལེ་Chileཡུལ་དུ་ས་ཡོམ་དང་ཉི་ཧོང་ Japanདུ་མཚོ་ཡོམ་རྒྱབ་པ།

_47390173_008864239-1

 

ཆི་ལེའི་ནང་ས་ཡོམ་ཤུགས་ཚད་༨་༨རྒྱབ་ཡོད་པས་དེ་ནི་ས་ཡོག་ཤུགས་ཆེ་ཤོས་ཀྱི་ཟིན་ཐོར་སླེབས་ཡོད། ས་ཡོམ་གྱི་རྐྱེན་པས་མི་ཤི་གྲངས་གསར་ཤོས་དེ་༧༠༥་ཡིན་པར་གསར་འགོད་པ་བྷ་ཆེ་ལེཊ་ཡིས་བརྗོད་འདུག དེ་རྗེས་ཚུ་ཚོད་༢༤ཉེ་བའི་རིང་ཉི་ཧོང་དུ་མཚོ་ཡོམ་tsunamiཕི་ཏི་གསུམ་ལས་མཐོ་བ་བསྟུན་མར་རྒྱབ་ཡོད་འདུག


 

 

གྷོལྥ་རྩེད་འགྲན་པ་ཨང་དང་པོ་ཊེ་གྷར་ཝུཌ།

འོན་ཀྱང་གསར་འགོད་པ་ཚོས་༸གོང་ས་མཆོག་ལ་དེའི་ཐད་བཀའ་དྲི་ཞུ་དུས་༸གོང་ས་མཆོག་གིས་ད་བར་ཊེ་གྷར་ཝུཌ་ཞེས་པ་ཐོས་མྱོང་མེད་གསུངས་འདུག་པ་དང་། ཡང་༸གོང་ས་མཆོག་གིས་རྩེད་རིགས་ཀྱི་ཐད་ལ་རྒྱུས་མངའ་མེད་པ་དེ་ངའི་ཞབས་འདྲེན་ཡིན་གསུངས་འདུག འོན་ཀྱང་གནས་ཚུལ་རྣམས་ཞུས་པའི་རྗེས་སུ་༸གོང་ས་མཆོག་གིས་"འདི་ལྟར་ལོག་གཡེམ་གྱི་ངོ་བོར་འགྱུར་ཟིན་པའི་རྗེས་སུ་ཆོས་ལུགས་ཚང་མར་བསམ་ཚུལ་གཅིག་པ་ཡོད།" "ནང་ཆོས་དང་ཆོས་ལུགས་གཞན་པ་ག་རེ་ལབ་ནའང་སོ་སོས་ཚུལ་ཁྲིམས་སྲུང་རྒྱུ་དེ་གལ་ཆེ་ཤོས་ཡིན།" "དེ་ཡང་དྲན་ཤེས་བཞིན་གྱིས་ཟིན་པའི་སྒོ་ནས་"ཞེས་ཁ་བསྐོང་མཛད་ནས་གསུངས་འདུག   རྒྱས་བཤད།


 

རྒྱ་ནག་གི་ངོ་རྒོལ་གྱི་གནོད་ཤུགས་ལ་ཇི་མ་སྙམ་པར་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་དང་ཁ་སེང་རེས་གཟའ་ཕུར་བུའི་ཉིན་མཇའ་འབྲེལ་གནང་ཡོད།

༸གོང་ས་མཆོག་གིས་བསིལ་ལྷམ་བཞེས་ནས་ཨ་མི་རི་ཀའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་ཕེབས་པ་དེས་ཁོང་མི་དཀྱུས་མ་ཞིག་ཡིན་པ་མི་མཚོན་པར་ཁྱད་དུ་འཕགས་པའི་སྐྱེ་བོ་ཞིག་ཡིན་པར་ཤེས་ལྡན་པ་ཚོས་མཐོང་ཡོད་འདུག

 

༸གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་གནང་བའི་སྐབས་གསར་འགོད་པ་ཚང་མ་རྒྱང་རིང་དུ་ཕུད་ཡོད་འདུག

 

 

༸གོང་ས་མཆོག་གིས་ཁོང་གི་བོད་ལ་ཚད་མཐོའི་རང་སྐྱོང་བརྩོན་གྱི་ཡོད་པ་ལས་རང་བཙན་བརྩོན་གྱིས་མེད་གསུངས་ཡོད་ཀྱང་། པེ་ཅིང་གིས་ནོར་ཝེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལ་འཇིགས་སྣང་ཅན་གྱི་ཁ་བྲལ་རིང་པ་རེད་ཞེས་ངོས་འཛིན་བྱེད་ཀྱི་ཡོད།

རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་མ་ཛ་སུས་ཨོ་བྷ་མས་༸གོང་ས་མཆོག་ལ་མཇལ་འཕྲད་བྱས་པ་དེས་དེ་སྔ་ཨ་མི་རི་ཀས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་ལ་གླེང་སློང་དང་རྒོལ་བ་རེད་ཞེས་ལབ་ཡོད།

ཨོ་བྷ་མས་བོད་ཀྱི་ཆོས་དང་རིག་གཞུང་། འགྲོ་བ་མིའི་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱ་རྒྱུ་ཡིན་པ་བརྗོད་འདུག

ད་ལན་༸གོང་ས་མཆོག་གིས་ཨ་རིའི་སྲིད་ཟུར་ཁི་ལི་ཌོན་གྱི་ལྕམ་ཧེ་ལེ་རི་དང་ཡང་མཇལ་འཕྲད་གནང་ཡོད་པ་དང་། ད་ལན་ཨ་རི་སྲིད་འཛིན་དང་མཇལ་འཕྲད་གནང་བ་དེ་སྲིད་དོན་གྱི་འབྲེལ་བའི་ཆ་ནས་ཡིན་འདུག


 

ལོ་༤༨རྗེས་སུ་གདོང་དེབ་བམ་ཕེ་སེ་བྷུཀ་facebookབརྒྱུད་མཉམ་འཛོམས་བྱུང་བ།

སྤྱི་ཚོགས་ཀྱི་དྲ་རྒྱ་གདོང་དེབ་ཕེ་སེ་བྷུཀ་བྱ་བ་བརྒྱུད་ནས་ལོ་ངོ་༤༨ཉེ་བ་ཐུག་འཕྲད་མ་བྱུང་བའི་བུ་མོ་ཞིག་རང་གི་ཕ་དང་བསྐྱར་འཕྲད་བྱུང་ཡོད་པ་རེད།

གཅུང་མོ་ཀིམ་དང་ཕ་ཏོ་ནི་དང་ཧྥ་རེན་སཻ་སེ་མོ་རང་བཅས་མཉམ་འཛོམས་ཀྱི་འདྲ་དཔར།

 

༢༠༡༢།༡།༢༩ཉིན་སྤེལ།    རྒྱས་བཤད།


Ethiopian-Airlines-Crash-Update-News-of-10-bodies-recovered

ཁ་རྩངས་རེས་གཟའ་ཟླ་བའི་སྔ་དྲོ་ཨེ་ཐིའུ་པཻན་Ethiopianགནམ་གྲུ་ཞིག་འགྲུལ་པ་༨༣དང་ལས་མི་༧བཅས་ཡར་འཕུར་མ་ཐག་ཏུ་རྒྱ་མཚོ་ནང་ལྷུངས་ནས་ཞིག་ཡོད་འདུག

 


 ༸གོང་ས་མཆོག་གི་སྐུ་ཚབ་མཐུན་མི་རྣམས་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཏུ་ཞི་མོལ་ཆེད་བསྐྱོད་འདུག ཉམས་ཞིབ་པས་༸གོང་ས་མཆོག་ནི་རྒྱ་ནག་ནང་ནང་དགྲིགས་ཡོང་བའི་གོ་སྐབས་ཡག་ཤོས་ཡིན་པ་འདྲ་ཞེས་བརྗོད་ཀྱི་ཡོད།

དཔྱད་ཞིབ་པས་འདེམས་པའི་གློག་བརྙན་བྱ་དགའ།

གློག་བརྙན་འཁྲབ་ཁྲིད་པ་ཇེམ་སེ་ཀ་མེ་རོན་(James Cameron)གྱི་ངོས་སུམ་(3D)གློག་བརྙན་དཔའ་བོའི་སྒྲུང་གཏམ་ཨཕ་ཏར་(Avater)ཞེས་པ་དེ་དང་ཁུའི་ཊིན་ཏ་རན་ཊི་ནོའི་(Quentin Tarantino)གློག་བརྙན་ཨིངྒ་ལོ་རིའུསེ་བྷ་སེ་ཏྲེཌ་(Inglorius Basterds)ཞེས་པ་གཉིས་ཀྱིས་༢༠༡༠ལོའི་དཔྱད་ཞིབ་པས་འདེམས་པའི་གློག་བརྙན་བྱ་དགའ་(Critic's Choice Movie Awards)མང་ཆེ་བ་ལེན་ཕྱིན་སོང་ཞེས་ལོན་ཌོན་ནས་PTIགསར་འགྱུར་སྤེལ་འདུག  རྒྱས་བཤད།


 

གྷོ་གྷལ་ཐད་རྒྱ་ནག་གི་ཐོག་སྤོས་པའི་ཨ་མི་རི་ཀའི་སྲིད་ཕྱོགས་ཀྱི་གོམ་འགྲོས།

སྐུ་ཞབས་རོ་བྷེར་ཊི་གྷིབ་སེ།

 

དྲ་རྒྱ་འཚོལ་ཞིབ་ཀྱི་མ་ལག་གྷོ་གྷལ་གྱིས་རྒྱ་ནག་ལ་དྲ་རྒྱའི་ཐོག་གཏམ་གླེང་གི་ཚད་བཀག་མེད་པ་བཟོས་ཏེ་རང་དབང་དགོས་པའི་རྩོད་པ་རྒྱབ་པ་དང་རྒྱ་ནག་གི་དྲ་རྒྱ་འཚོལ་གཤེར་དག་དང་མཉམ་ལས་མཚམས་འཇོག་བྱ་རྒྱུའི་ཉེན་བརྡ་གཏོང་ཡོད་ཅིང་། ད་དུང་རྒྱ་ནག་གི་ནང་གྷོ་གྷལ་གྱི་ལས་གཞི་སྒོ་རྒྱག་རྒྱུའི་བསམ་མནོ་ཡང་གཏོང་གི་ཡོད་འདུག།

གནད་དོན་དེའི་ཐད་ཨ་མི་རི་ཀའི་ལངས་ཕྱོགས་ཐད་ཇི་ལྟར་ཡོད་མིན་མཁྱེན་སླད། ཨ་རི་མི་ཀའི་ལུས་ཁུངས་དང་འགོ་བྱེད་ཚོས་གཏམ་བརྗོད་བྱས་པ་གཤམ་དུ་བཀོད་ན།

༡༽རྒྱ་ནག་གིས་དྲ་རྒྱའི་རང་དབང་ཐོག་འགྲེལ་བརྗོད་ཡོང་བར་དོ་སྣང་བྱེད་ཀྱི་ཡོད་ཞེས་ཨོ་བྷ་མའི་ཡིག་ཚང་ནས་རེས་གཟའ་སྤེན་པའི་ཉིན་བརྗོད་ཡོད་པ་དེ་གྷོ་གྷལ་དང་རྒྱ་ནག་བར་གྱི་རྩོད་སྙོག་ཐད་སྲིད་ལུགས་ཀྱི་གོམ་ཁ་བསྒྱུར་བ་ཞིག་ཡིན།

༢༽ ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་སྐུ་ཞབས་རོ་བྷེར་ཊི་གྷིབ་སེས་༼ང་ཚོར་རྒྱ་ནག་གི་ལན་ཐོས་དགོས་ཡོད་༽ཞེས་གསུངས་འདུག

༣༽ ༼ང་ཚོ་ལན་ཉན་རྒྱུར་བློ་འཚབ་ནས་བསྡད་ཡོད། ངས་གྷོ་གྷལ་གྱིས་ཁོང་ཚོ་རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་ཡོད་པ་ནང་བཞིན་ང་ཚོར་གྷོ་གྷལ་གྱི་གོམ་པ་གཉིས་པ་དེ་བརྗོད་ཀྱི་རེད་སེམས་ཀྱི་འདུག་༽ཞེས་དང་། ཡང་༼འབྱུང་འགྱུར་གྱི་ཞག་པོའི་ནང་ངམ་ཕལ་ཆེར་བདུན་ཕྲག་རྗེས་མའི་ནང་ང་ཚོས་རྒྱ་ནག་པེ་ཅིང་གཞུང་ལ་གནད་དོན་དེའི་ཐད་སྲིད་ལུགས་ཀྱི་གོམ་འགྲོས་དང་མཐུན་པའི་བགྲོ་གླེང་བྱེད་ཀྱི་ཡིན་༽ཞེས་ཨ་མི་རི་ཀའི་མངའ་སྡེའི་མི་མང་ལས་དོན་གྱི་དྲུང་ཆེའི་ལས་རོགས་ཀྱིས་མི་དམངས་ཀྱི་དབུས་སུ་བཤད་འདུག

༤༽ ཡང་མངའ་སྡེའི་ལས་ཁུངས་འགོ་འཛིན་གྱིས་ཨ་མི་རི་ཀས་མུ་འཐུད་གནད་དོན་དེའི་ཐད་རྒྱ་ནག་ལ་སྐད་ཆ་ཤོད་ཀྱི་རེད་གསུངས་འདུག

༥༽ ཨ་མི་རི་ཀའི་ཁྲིམས་བཟོ་བ་འགའ་ཤས་གྷོ་གྷལ་གྱི་རྒྱབ་རྟེན་ཕྱོགས་སུ་འཐོན་པ་ན། ཨ་རིའི་ཕྱི་ལས་སྟོབས་ལྡན་ཁང་པའི་ལས་ཁུངས་ཀྱི་ཚོགས་གཙོ་སྐུ་ཞབས་ཧོ་ཝརཊ་བྷེར་མན་མཆོག་གིས་ཁོ་རང་གི་ལས་ཁུངས་ཀྱིས་རྒྱ་ནག་གིས་དྲ་རྒྱའི་རང་དབང་ཕྱུགས་པ་དེར་བསམ་མནོ་གཏོང་གི་ཡོད་གསུངས་འདུག

 

༢༠༡༠།༡།༡༧ཉིན་སྤེལ།

 

ཧེཡ་ཏེའི་haitiརྒྱལ་སར་ས་ཡོག་གི་རྐྱེན་པས་མི་གྲངས་འབུམ་གཅིག་༡༠༠༠༠༠ཙམ་འདས་པར་ཚོད་དཔག་བྱས་ཡོད་འདུག   ༢༠༡༠།༡།༡༥ཉིན་སྤེལ།

 དེ་རིང་ཉིན་རྒྱབ་ཆུ་ཚོད་༡༢།༣༠ཐོག་༸གོང་ས་མཆོག་རྡོ་རྗེ་གདན་ནས་ཆིབས་བསྒྱུར་བརྐྱངས་ཡོད་འདུག  ༢༠༡༠།༡།༡༠ཉིན།

སྐྱ་རེངས་བརྙན་དེབ་གསུམ་པ་དྲ་ཚིགས་ཐོག་དཔར་ཟིན་པ། 

སྐྱ་རེངས་བརྙན་དེབ་གསུམ་པ། pdf 


 

བཀའ་བློན་ཁྲི་པའི་འོས་གཞི།

མ་སུ་རི་སློབ་ཟུར་དང་ལས་བྱེད་ཟུར་པ་ཁག་ཅིག་ཐུན་མོང་ནས།

༈ བཀའ་བློན་ཁྲི་པའི་འོས་གཞིར་སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ལ་རེ་བ་དང་བཅས་འོས་འཛུགས་ཞུ་ཡི་ཡོད། ང་ཚོ་སློབ་ཟུར་ཚོར་མཚོན་ན་ལོ་བཅུ་གྲངས་རིང་མཉམ་ཟ་མཉམ་གཤིབས་བྱས་པའི་རྒྱུས་ཡོད་ཡིན། ལས་བྱེད་ཟུར་པ་རྣམས་ལ་མཚོན་ན་ལོ་ཉི་ཤུ་རྩ་གྲངས་མཉམ་ལས་འདྲིས་གཤིབས་བྱས་པའི་ཉམ་མྱོང་བཅས་ང་ཚོས་གནས་ཚུལ་ཤེས་པའི་ཐོག་ནས་སྤོབས་པ་དང་གདེང་ཚོད་བཅས་རྒྱབ་སྐྱོར་ཞུས་པ་ཞིག་ལས། ནག་ཁུང་ནང་མདའ་འཕེན་པ་ལྟར་རྒྱུས་མེད་འོལ་ཚོད་ཀྱི་དམིགས་འཛུགས་ཞུས་པ་ཞིག་མིན། ཁོང་གི་ལོ་རྒྱུས་སྙིང་བསྡུས་ཟུར་དུ་ཡོད་ལ་གཟིགས་ཞིབ་བརྟག་དཔྱད་གནང་སྟེ་རྒྱབ་སྐྱོར་ཞུ་རིན་ཆོག་པ་ཞིག་དགོངས་ཀྱི་འདུག་ན། ཕན་ཚུ་ངོ་ཤེས་རྣམས་ལ་ངོ་སྤྲོད་ཐོག་ཁོང་ལ་རྒྱབ་སྐྱོར་གནང་རོགས་ཞེས་ཚང་མར་འབོད་བསྐུལ་ཞུ་རྒྱུ་ཡིན།  ཁོང་གི་ལོ་རྒྱུས།
8 x 10 in.pdf 8 x 10 in.pdf
Size : 0.428 Kb
Type : pdf

རྒྱུན་ཤེས། 

ཁྱི་སྨྱོ། ༼རྒྱུན་ཤེས།༽

 ༡ ནད་དེའི་སྐོར།
འཛམ་གླིང་ནང་ལོ་རེར་མི་གྲངས་༥༠༠༠༠ལྷག་པ་ཁྱི་སྨྱོའི་ནད་ཀྱི་རྐྱེན་གྱིས་འཆི་ཡི་ཡོད་ལ། དེའི་ནང་ནས་ཀྱང་ཨེ་ཤེ་ཡ་གླིང་ཆེན་དང་ཨཕ་རི་ཀའི་གླིང་ཆེན་ནང་བརྒྱ་ཆ་༩༥ནད་དེས་རྐྱེན་ལམ་དུ་གཏོང་གི་ཡོད། དེ་ཡང་མང་ཆེ་བ་ཁྱིས་སོ་རྒྱབ་པ་དང་དེའི་ཁྲོད་ནས་བརྒྱ་ཆ་༣༠ནས་༦༠བར་བྱིས་པ་ལོ་༡༥མན་ཆད་ཡིན།  སྤྱི་ལོ་༢༠༠༣མགོ་སྟོད་དུ་ལྷོ་ཨཕ་རི་ཀའི་ནང་མི་མང་པོ་རང་འཁྱམས་ཀྱི་སེམས་ཅན་བདག་གཉེར་བྱེད་མཁན་མེད་པའི་སེམས་ཅན་སྤྱི་དང་དམིགས་བསལ་ཙི་ཙི་སྒམ་པོ་དང་ཁྱི་བརྒྱུད་ནས་ཁྱི་སྨྱོ་ཕོག་ནས་འདས་ཡོད་འདུག   རྒྱས་བཤད།


 

(HAITI)  ཧྱེ་ཏི་སྤྱི་མཐུན་རྒྱལ་ཁབ་ངོ་སྤྲོད།

ཧྱེ་ཏི་སྤྱི་མཐུན་རྒྱལ་ཁབ་ནི་ཀེ་རིབ་བྷེན་(Caribbean)༼རྒྱ་མཚོ་ངོགས་ཀྱི་༽རྒྱལ་ཁབ་ཡིན།    ༼ལྷོ་བྱང་གི་ཨ་མི་རི་ཀའི་གླིང་ཆེན་གཉིས་ཀྱི་བར་གྱི་རྒྱ་མཚོ་ངོགས་སུ་མཚོ་གླིང་གི་ཚུལ་དུ་ཡོད༽


ཧྱེ་ཏིའི་ཁོར་ཡུག་གྱི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་༢༧་༧༥༡ཙམ་ཡོད་ཅིང་མི་རིགས་བརྒྱ་ཆ་༩༥ནག་པོ་ཡིན་པ་དང་མི་འབོར་གྲངས་ས་ཡ་བཅུ་ལྷག་10,033,000ཡོད་འདུག
ཧྱེ་ཏིའི་རྒྱལ་སའི་མིང་ལ་པོརཊ་ཨུ་པི་རིན་སེ་(port au prince)བརྗོད་ཀྱི་ཡོད།
ཧྱེ་ཏི་སྐད་ཡིག་ནི་ཧྱེ་ཤན་ཀརེ་ཨོལ་haitian Creoli༼ཧྱེ་ཏི་རང་སྐད་༽དང་ཧྥ་རན་སིའི་སྐད་བེད་སྤྱོད་བྱེད་ཀྱི་ཡོད། 
ཧྱེ་ཏི་ལོ་རྒྱུས་ནི་ལ་ཏིན་ཨ་མི་རི་ཀའི་(Latin America)ནང་རང་བཙན་ཐོབ་པའི་རྒྱལ་ཁབ་དང་པོ་དང་། མི་རིགས་ནག་པོས་སྣེ་འཁྲིད་པའི་རྒྱལ་ཁབ་ཀུན་གྱི་ནང་ནས་རང་དབང་གི་དཔོན་པོའི་གོ་གནས་སྤྲོད་མཁན་དང་པོ་ཡིན་ཞིང་། 
སྤྱི་ལོ་༡༨༠༤ལོར་ཧྥ་རན་སི་འོག་ནས་རང་བཙན་རགས་ཡོད་པ་རེད། 

སྤྱི་ལོ་༢༠༡༠ཟླ་བ་༡ཚེས་༡༢ཉིན་ཧྱེ་ཏི་རྒྱལ་ས་པོརཊ་ཨུ་པི་རིན་སེ་ལ་ས་ཡོག་ཤུགས་ཚད་༧་༠རྒྱབ་པས་མི་གྲངས་སྟོང་ཕྲག་བཅུ་ལྷག་པ་ཤི་བ་དང་རྒྱལ་ཁབ་ལ་ཕམ་ཉེས་ཆེན་པོ་བཏང་ཡོད་པ་མ་ཟད་ཐ་ན་རྒྱལ་པོའི་ཕོ་བྲང་ཚུན་ཞིག་ཡོད།


ཀྲོ་མ་ཀྲོ་tomatoལ་ཚེ་རིང་པོ་ཡོང་ཐབས་ཀྱི་རྫས་ཆ་ཡོད། ༼འཕྲོད་བསྟེན༽

ཚེ་རིང་པོ་དང་བདེ་ཐང་ཡོང་རྒྱུའི་གསང་བ་ཤེས་འདོད་ཡོད་དམ། ཁྱེད་རང་ཉིད་ཀྱིས་ཊོ་མ་ཊོའི་ས་བོན་འགའ་ཤས་ལ་འབད་བརྩོན་བགྱིས་དང་ཞེས། ལོན་ཌོན་ནས་ཉམས་ཞིབ་གསར་པ་ཞིག་གིས་སྙན་སེང་ཞུས་ཡོད། དེ་ཡང་
ཕུ་རུཊ་ཕོ་ལོའུ་fruitflowཤིང་ཏོག་བབ་རྒྱུན་ཞེས་པའི་རང་བཞིན་གྱི་རྫས་ཆ་ཞིག་སྤྱི་ལོ་༡༩༩༩ལོར་རྒྱ་གར་གྱི་གསར་གཏོད་པ་རོ་ཝེཊ་Rowettལྷན་ཁང་གི མཁས་དབང་ཨ་སིམ་དྷཏ་ཏ་རོཡེ་Asim Dutta Royཡིས་གསར་རྙེད་བྱུང་ཡོད་པ་དེ། ཚེ་ཚད་རིང་པོ་དང་བདེ་ཐང་ཡོང་བའི་ལྡེ་མིག་ལྟ་བུའི་གྲུབ་རྫས་ཤིག་ཏུ་དབྱིན་ཡུལ་དུ་ཡོད་པའི་ཞིབ་འཇུག་པས་རྙེད་སོན་བྱུང་
ཤིང་ཏོག་བབ་རྒྱུན་ཞེས་པའི་རྫས་ཆ་དེ་ལ་རོ་དང་ཁ་དོག་མེད་པ་དང་། ཊོ་མ་ཊོའི་ས་བོན་གྱི་མཐའ་གོར་གྱི་ཞག་ལས་བྱུང་བ་དང་། དེས་ཁྲག་ལ་ཚི་ཆགས་པ་དང་ཁྲག་ཞོ་ལྟར་འཁྱགས་པ་ལ་སྔོན་འགོག་བྱེད་པར་ཞིབ་འཇུག་པ་རྣམས་ཀྱིས་མགྲིན་གཅིག་ཏུ་སྨྲ་བཞིན་ཡོད།
 


བི་རི་ཐ་མག

བི་རི་ཞེས་པ་ནི། ཨེ་ཤ་ཡའི་ལྷོ་ཕྱོགས་སུ་དར་བའི་ཐ་མག་རིགས་ཤིག་ཡིན་ལ། དེ་ཡང་རྡོ་ཐ་ཏམ་པ་ཀོ་tabaccoཧྲོབ་ཧྲོབ་དེ་འདྲ་ཏེན་བྲུའི་tenduཤིང་ལོའི་ནང་འགྲིལ་ནས་བཟོས་བཞག་པ་དང། བཟོ་མཁན་ཡང་བི་རི་བཟོ་གྲྭའམ་བཟོ་ས་དེའི་ཁྱིམ་གྱི་བུད་མེད་ཚོ་ཡིན། རྒྱ་གར་ནང་ཕྱི་ལོ་༡༩༠༠ལོར་བཟོ་གྲྭ་མགོ་མཛུགས་བྱས་ཡོད། བི་རིའི་རྐྱེན་གྱིས་ཁ་སོགས་ལ་བཅོས་ཐབས་མེད་པའི་རྨ་oral cancerཆགས་ཉེན་ཡོད།  བི་རི་ནི་སྤྱིར་བཏང་གི་ཐ་མག་ལས་རིན་གོང་ཁེ་བས་ཨེ་ཤ་ཡ་ལྷོ་རྒྱུས་ཀྱི་མི་མང་པོས་ཡུན་རིང་སྤྱད་ཐུབ་པར་སོང་། བི་རི་ལ་དབུལ་བུའི་ཐ་མག་ཞེས་ཀྱང་ཟེར་གྱི་ཡོད།


 ལག་ཐོགས་ཁ་པར་གྱིས་དྲན་ཤེས་འཕེལ་རྒྱས་གཏོང་བ།

cell-phone-brain-tumor-713

 

 

 

 

 

སྔོན་གྱི་མཚན་རིག་པ་ཚོས་ལག་ཐོགས་ཁ་པར་སོགས་འཕྲུལ་ཆས་ཀྱི་དངོས་པོ་ཆུང་ཆུང་དེ་ཚོ་བེད་སྤྱོད་ཆེ་ན་ཀླད་པའི་སྐྲེན་ནད་བཟོ་ཉེན་ཡོད་པ་གསར་རྙེད་བྱུང་བ་ལས་ལྡོག་ཏེ། དེང་སང་ཨ་མི་རི་ཀའི་མཚན་རིག་པ་ཚོས་ལག་ཐོགས་ཁ་པར་བརྒྱུད་སྐད་ཆ་ཤོད་པ་དེས་སྤྱིར་བཏང་དྲན་ཤེས་འཕེལ་རྒྱས་བྱེད་ཀྱི་ཡོད་པ་དང་ཨལ་ཛེ་མིར་alzheimerཞེས་པའི་ནད་རིགས་དེ་ཡང་འགོག་ཐུབ་ཀྱི་ཡོད་ཚུལ་བརྗོད་ཡོད་པ་རེད།

འདི་ཡང་འཕྲུལ་ཆས་ལས་འཐོན་པའི་ར་ཌིཡ་ཤེན་radiationཞེས་པའི་འོད་ཟེར་གྱིས་ཀླད་པ་ལ་ཕན་འབྲས་ཐོགས་པོ་ཡོད་པ་དང་། ཨལ་ཛེ་མིར་གྱི་ཞེས་པའི་ནད་ཀྱི་ནུས་པ་ཡང་ཕྱིར་ལྡོག་ཐུབ་ཀྱི་ཡོད་པའི་ཨ་མི་རི་ཀའི་གྲོས་འདོན་བྱས་པ་བཞིན། ཨ་མི་རི་ཀའི་ལྷོ་ཕོ་ལོ་རི་ཌའི་Floridaསློབ་གྲྭ་ཆེན་མོའི་ནང་ཙི་ཙི་ཞིག་ལ་ཉམས་ཞིབ་བྱས་པ་ལས་དེ་ལྟ་བུའི་ཤེས་བྱ་གསར་པ་དེ་ཤེས་ཡོད་རེད།

༢༠༡༠ཟླ་བ་༡་ཚེས་༨ཉིན་སྤེལ།

དུག་སྦྲང་  

དུག་སྦྲང་ནི་རྒྱུན་ལྡན་འཕུར་འགྲོ་བའི་འབུ་སྲིན་ཆུང་ཆུང་ཞིག་ཡིན། འཕུར་བའི་ཚེ་ཁྲུང་ཁྲུང་དང་ཆི་རོ་ནོ་མེ་ཌཡེ་པའི་སྦྲང་བུ་ལྟ་བུར་འགྲོ།  དུག་སྦྲང་ནི་གནས་སྐབས་བཞི་བརྒྱུད་ནས་འགྲོ་བ་སྟེ། དང་པོ་སྒོ་ང་དང་། དེ་ཕྱེ་བ་ལས་ལར་བlarva། དེ་བསྒྱུར་ནས་པུ་པpupa། དེ་ནས་དར་མ་སྟེ་དུང་སྦྲང་ཆ་ཚང་བ་གྲུབ་པ་བཅས་ཡིན། དུག་སྦྲང་མོ་ཚོས་ཆུའི་ནང་དུག་སྦྲང་གི་སྒོ་ང་གཏོང་གི་ཡོད་ལ། དེ་ཡང་ཚྭ་ཆུའི་འདམ་སྙོག་དང་། མཚེའུ། འདམ་རྫིང་། རྩེ་ཤིང་སྟེང་གི་དཁྱིལ་ཆུ། གྱིག་གི་ཆུ་གཞོང་ནང་གི་ཆུ་སོགས་ཀྱི་ནང་ཡིན། དུག་སྦྲང་གི་གནས་སྐབས་དང་པོ་གསུམ་པོའི་རིང་ཞག་པོ་ལྔ་ནས་བཅུའི་བར་ཆུའི་ནང་འཚོ་བར་བྱེད་ཀྱི་ཡོད་ཅིང་། དེའི་ཚེའི་ནམ་རྒྱུན་ཡོང་གྲགས་ཀྱི་དུག་སྦྲང་གཤོག་པ་ཅན་དེའི་གཟུགས་སུ་གྲུབ་མེད། དུག་སྦྲང་མོའི་ནང་མང་མཐར་ཟླ་བ་གཅིག་ཙམ་འཚོ་ཐུབ་པ་ཡོད་ཀྱང་། རང་བཞིན་ལྟར་མང་ཆེ་བ་བདུན་ཕྲག་རེ་གཉིས་ལས་བསྡད་ཐུབ་ཀྱི་མེད། དུག་སྦྲང་ལ་མཆུ་ཏོ་རིང་པོ་སྤུ་འདྲ་པོ་ཞིག་ཡོད་པ་དེས་སེམས་ཅན་དང་རྩེ་ཤིང་གི་ཤུན་པའམ་ལྤགས་པར་ཕུག་ཐུབ་ཀྱི་ཡོད། དུག་སྦྲང་ནི་སྤྱིར་ཁུ་བྱུག་༼མེ་ཏོག་སོགས་ཀྱི་བཅུད༽necterདང་རྩེ་ཤིང་གི་ཁུ་བ་འཐུང་མཁན་ཞིག་ཡིན་ནའང་། དམིགས་བསལ་དུག་སྦྲང་མོ་ཚོས་རང་གི་སྒོ་ང་གཏོང་རྒྱུའི་ཆེད་དུ་སེམས་ཅན་གྱི་ཁྲག་འཐུང་དགོས་ཀྱི་ཡོད།
དུག་སྦྲང་ནི་ཝིཀ་ཊར་vectorཏེ་ནད་འབུ་སོགས་ཕར་ཚུར་ཁྱེར་འགྲོ་མཁན་ཡིན་པས། དུག་སྦྲང་གིས་སོ་རྒྱབ་པ་ལས་མ་ལ་རིཡ་malariaསོགས་ཀྱི་ན་ཚ་བགོས་ཉེན་ཡོད་པ་ཡིན། འོན་ཀྱང་དེང་སང་ཉེན་ཆེ་བའི་ནད་རིགས་རེག་དུག་གམ་ཨེཌ་ཛེ་HIVཞེས་པ་དེ་དུག་སྦྲང་བརྒྱུད་བགོས་མི་ཐུབ་པ་ཡིན་འདུག།


 གཉེན་ཆས་ཕབ་ལེན།

རང་དབང་རྒྱལ་སྒོ། free gate

བསམ་འཆར་གླེང་སྟེགས། 

HTML Comment Box is loading comments...

འདི་གར་གསར་འགྱུར་དང་རྒྱུན་ཤེས། དཔྱད་རྩོམ་སོགས་གནང་སྐྱོང་ཡོང་བ་ཞུ།

དྲ་ཚིགས་འདི་ད་ལྟ་སྒྲིག་་བཞིན་པ་ཡིན་པས་དགོངས་འཆར་ལྷུགས་པོར་གནང་རོགས།

ཐད་ཀར་རྩོམ་ཡིག་བྲིས།

Make a Free Website with Yola.